མི་དམངས་གསུང་བཤད།

དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས་ཨོ་གླིང་ཁུལ་དུ་བོད་མི་རྣམས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོགས་སྤེལ་བཞིན་པ།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར། ༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་འདི་ག་ཨོ་སི་ཀྲི་ལི་ཡ་ཁུལ་དུ་བོད་མི་རྣམས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོགས་དང་། ལམ་སྟོན་གནང་ཆེད་ཕྱི་ཟླ་ ༩ ཚེས་ ༦ སྔ་དྲོ་ཆུ་ཚོད་ ༥ པའི་ཐོག་མེལ་སྦོན་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་སྐབས་སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཝེ་ཊོ་རེ་ཡ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་རྣམས་ནས་ཕེབས་བསུ་ཞུས་ཡོད། དེ་ཡང་ཕྱི་ཟླ་ ༩ ཚེས་ ༧ སྔ་དྲོ་ཆུ་ཚོད་ ༩ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས་མེལ་སྦོན་མི་མང་ལ་ཆུ་ཚོད་གཅིག་དང་ཕྱེད་ཙམ་རིང་བར་ལམ་འོས་བསྡུའི་སྒྲིག་གཞིའི་དོན་གནད་ཁག་གཅིག་ལ་བསྐྱར་བཅོས་བཏང་བའི་སྐོར་འགྲེལ་བཤད་མཐིལ་ཕྱིན་གནང་བ་དང་། དེ་ནས་ཆུ་ཚོད་གཅིག་ལྷག་རིང་མང་ཚོགས་ནང་ནས་དྲི་བ་སྣ་མིན་ཕེབས་པར་དོགས་སེལ་འགྲེལ་བཤད་བློ་ངེས་ཚིམས་པ་གནང་སྟེ་མང་ཚོགས་ཀྱིས་དགའ་བསུའི་ཐལ་སྒྲ་འབྲུག་སྒྲ་གྲགས་པ་ལྟར་ཚོགས་ཁང་ཡོངས་སུ་ཁེངས། ཕྱི་ཟླ་ ༩ ཚེས་ ༧ ཕྱི་དྲོ་ཆུ་ཚོད་ ༤།༣༠…

དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་མི་རྣམས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ངོ་སྤྲོད་གནང་བ།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༢ རེས་མིག་དམར།  ༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ས་གནས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞི་ནང་ཕེབས་སྐབས། བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་དར་རྒྱས་ལགས་ཀྱིས་གཙོས་པའི་རྒྱུན་ལས་རྣམ་པ། དེ་བཞིན་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་ས་གནས་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ཡང་དབུས་འོས་བསྡུའི་འགན་འཛིན་མཆོག་གིས་ཉེ་ལམ་དབུ་འབྱེད་གནང་བའི་སྤྱི་ཁང་ཕུན་ཚོགས་སྡེ་བཞིར་གཟིགས་སྐོར་གནང་གྲུབ་མཚམས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསྟན་འཛིན་དར་རྒྱས་ལགས་ཀྱིས་ནིའུ་ཡོག་དང་ནིའུ་འཇར་སིའི་བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་མདོར་བསྡུས་གནང་། དེ་ནས་དབུས་འོས་བསྡུའི་འགན་འཛིན་མཆོག་གིས་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་གང་བྱུང་ཐད་འགྲེེལ་བརྗོད་གནང་དོན། བཀའ་ཤག་སྐབས་ ༡༥ པའི་འོས་བསྡུའི་སྐབས་འོས་བླུག་མཁན་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་ ༦༥ ལས་མང་བ་བྱུང་ཡོད་པ་དང་། འོས་འཕེན་པའི་སྐབས་དང་གྲངས་བཤེར་སྐབས་འཛམ་གླིང་གི་རྒྱལ་ཁབ་གཞན་ལ་རྙོག་དྲྭ་མང་པོ་འབྱུང་གི་ཡོད་ཀྱང་། བོད་མིའི་སྤྱི་ཚོགས་ཁྲོད་རྙོག་དྲ་མེད་པར་ལེགས་གྲུབ་བྱུང་བར་མི་མང་ལ་ཐུགས་རྗེ་ཆེ་ཞུས་ཡོད། གཞན་ཡང་འོས་བསྡུའི་འགན་འཛིན་མཆོག་གིས་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དང་བདུན་པའི་སྐབས་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་བྱུང་བ་ཁག་དང་།…

དབུས་འོས་བསྡུའི་འགན་འཛིན་མཆོག་གིས་ཊོ་རོན་ཊོ་ས་གནས་བོད་རིགས་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་བྱུང་བ་ཁག་གི་སྐོར་ངོ་སྤྲོད་གསལ་བཤད་གནང་བ།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༤ རེས་གཟའ་ཟླ་བ།  ༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་བཏང་གནས་ནང་འཁོད་དོན།  ༢༠༡༩ ཟླ ༦ ཚེས ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཕ་རན་སི་ནས་ཊོ་རོང་ཊོ་གནམ་ཐང་དུ་ཕེབས་འབྱོར་སྐབས། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་གླིང་དཀར་ལགས་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་བྱེད་བསྟན་འཛིན་ཚེ་དཔག་ལགས། དེ་བཞིན་ས་གནས་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། ཕྱིས་ཚེས ༢༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད ༣ ཐོག་གངས་ལྗོངས་ཆོས་ལྡན་གླིང་གི་མི་མང་ཚོགས་ཁང་ཆེན་མོའི་ནང་ས་གནས་བོད་མི་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་སོང་བ་དེ་དག་གི་སྐོར་འགྲེལ་བརྗོད་དང་། དེ་བཞིན་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ལམ་སྟོན་གསལ་བཤད་གཟབ་རྒྱས་གནང་རྗེས། ས་གནས་མང་ཚོགས་ཀྱི་དྲི་བ་རྣམས་ལ་ལན་འདེབས་དང་གསལ་བཤད་གནང་ཡོད་པ་རེད། དེ་ཡང་དབུས་འོས་བསྡུའི་འགན་འཛིན་མཆོག་གིས། མ་འོངས་པར་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུའི་སྐབས་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་བརྒྱུད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་གསལ་བསྒྲགས་རིགས་གཏན་ནས་མི་ཆོག་པའི་སྒྲིག་གཞི་ཁག་གི་སྐོར་ངོ་སྤྲོད་གནང་། དེ་བཞིན་འོས་བསྡུའི་སྐབས་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས་པ་དང་། འོན་ཀྱང་སྔོན་འགྲོའི་འོས་བསྡུའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་བརྒྱ་ཆ་ ༦༠…

དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་ཕ་རན་སིའི་བོད་རིགས་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ངོ་སྤྲོད་གནང་བ།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༩ རེས་གཟལ་ལྷག་པ།  ༄༅། །ཕ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༧ ཉིན་ཕ་རན་སིའི་རྒྱལ་ས་པ་རི་སིར་བོད་མི་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་སོང་བ་དེ་དག་གི་སྐོར་འགྲེལ་བརྗོད་དང་། དེ་བཞིན་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་ལམ་སྟོན་གསལ་བཤད་གཟབ་རྒྱས་གནང་ཡོད། དེ་ཡང་ཕ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས། སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དབུས་འོས་བསྡུའི་འགན་འཛིན་མཆོག་གི་སྐོར་ངོ་སྤྲོད་དང་འགན་འཛིན་མཆོག་ཕ་རན་སིར་ཕེབས་དགོས་པའི་དགོས་པ་དམིགས་ཡུལ་སོགས་ཀྱི་སྐོར་གསུང་བཤད་གནང་། དེ་རྗེས་དབུས་འོས་བསྡུའི་འགན་འཛིན་མཆོག་གིས། མ་འོངས་པར་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་བསྡུའི་སྐབས་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས་དང་ཆོས་བརྒྱུད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་པ་དང་གསལ་བསྒྲགས་རིགས་གཏན་ནས་མི་ཆོག་པའི་སྒྲིག་གཞི་ཁག་གི་སྐོར་ངོ་སྤྲོད་གནང་། དེ་བཞིན་འོས་བསྡུའི་སྐབས་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས་པ་དང་། འོན་ཀྱང་སྔོན་འགྲོའི་འོས་བསྡུའི་སྐབས་འོས་མི་གཅིག་ལ་འོས་ཤོག་ཁྱོན་འབོར་བརྒྱ་ཆ་ ༦༠ ཡན་ཐོབ་ཡོད་ཚེ་དངོས་གཞིའི་ལས་རིམ་འགྲོ་མི་དགོས་པར་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ་ཡིན་པ་སོགས་ཀྱི་སྐོར་ངོ་སྤྲོད་དང་གསལ་བཤད་གནང་ཡོད། དེ་རྗེས་དབུས་འོས་བསྡུའི་འགན་འཛིན་མཆོག་གིས་མི་མང་གི་དྲི་བ་ཁག་ལ་ལན་འདེབས་ཁ་གསལ་གནང་ཡོད་པ་བཅས། །

དབུས་འོས་བསྡུའི་འགན་འཛིན་མཆོག་སུད་སི་དང་། ཕ་རན་སི། ཁེ་ན་ཌ། ཨ་རི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ རེས་གཟའ་པ་སངས། ༄༅།  །འདི་གར་དབུས་འོས་བསྡུ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན།  དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༡༢ ཉིན་བཞུགས་སྒར་ནས་ཕྱིར་ཐོན་གནང་སྟེ་ཕྱི་ཚེས་ ༡༤ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་སུད་སིར་ཕེབས་ཐོན་གནང་། ཕྱི་ཚེས་ ༡༥ ཉིན་སུད་སིར་རྟེན་གཞི་བྱས་པའི་བོད་མི་རྣམས་ལ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་སོང་བ་དེ་དག་འགྲེལ་བརྗོད་དང་། དེ་བཞིན་འོས་སྒྲིག་དང་འབྲེལ་བའི་ལམ་སྟོན་དང་གསལ་བཤད་བཅས་གནང་རྒྱུ། དེ་ནས་ཕྱི་ཚེས་ ༡༦…

འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོགས་རྒྱ་ཆེ་སྤེལ་བཞིན་པ།

༢༠༡༩ ཟླ་ ༥ ཚེས་ ༢༩ རེས་གཟའ་ལྷག་པ། ༄༅། །འདི་གར་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༢༩ ཉིན་བཏང་གནས་ནང་འཁོད་དོན།   འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཕྱི་ཟླ་ ༥ ཚེས་ ༢༥ ཉིན་ལྡི་ལི་ནས་སྦེང་ལོར་ཕེབས་ཐོན་དང་། ཕྱི་ཚེས་ ༢༧ ཉིན་ཀོ་ལི་གལ་དུ་ས་གནས་མིང་མང་རྣམས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོགས་སྤེལ་བ་དང་། དྲི་བ་དྲི་ལན་བཅས་འོས་བསྡུ་དང་འབྲེལ་བའི་ལས་དོན་ཁག་ལེགས་སྒྲུབ་ཟིན་རྗེས། ཕྱི་ཚེས་ ༢༨ ཉིན་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་གོང་གསལ་བརྗོད་གཞིའི་ཐོག་གོ་རྟོགས་སྤེལ་བསྟུན།  ཕྱི་ཚེས་ ༢༨ ཉིན་རྒྱབ་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་བདེ་འབྱོར་ཐོག་ས་གནས་འགོ་འཛིན་གྱིས་གཙོས་གནད་ཡོད་མི་སྣ་ཁག་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག ཕྱི་ཚེས་…

དབུས་འོས་བསྡུ་ལས་ཁུངས་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་ལྷན་གྱི་གོ་སྒྲིག་འོག་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་གསར་པ་ཁག་གཅིག་ལ་ཟབ་སྦྱོང་གོ་སྒྲིག་གི་དབུ་འབྱེད་མཛད་སྒོར་དབུས་འོས་བསྡུ་ལས་ཁུངས་དང་ལས་བྱེད་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་གིས་གསུང་བཤད་གནང་། དེ་ཡང་སྐབས་དེར་ཐོག་མར་ཁོང་ནས་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པ་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་གསུང་དོན། ད་ལྟ་སྐབས་སུ་བབ་པ་ངས་འགྲེལ་བརྗོད་ཞུ་དགོས་རྒྱུ་ནི་དགོས་དམིགས་རེད། རྩ་བའི་འདེམས་བསྐོ་ལྷན་ཁང་གི་ངོས་ནས་ཟབ་སྦྱོང་གནང་རྒྱུ་དང་ལས་བྱེད་ཚོར་ཟབ་སྦྱོང་གནང་རྒྱུའི་ལས་འགན་ཞིག་ཆགས་བཞིན་ཡོད། འོན་ཀྱང་དཔལ་འབྱོར་གྱི་གནས་བབ་འདི་འཛིན་སྐྱོང་བཀའ་ཤག་གིས་ཐུགས་འགན་བཞེས་དགོས་ཀྱི་ཡོད། དེ་གཞིར་བཟུང་གིས་འདེམས་བསྐོ་ལྷན་ཁང་གི་ངོས་ནས་ཀྱང་ལས་བྱེད་ཡིན་བཞིན་པ་ཁག་གཅིག་དང་། གཞན་ཡང་ལས་བྱེད་གསར་པ་འཛུལ་ཞུགས་གནང་མཁན་བཅས་ལ་ཟབ་སྦྱོང་གོ་སྒྲིག་གནང་དགོས་པའི་རིགས་བཅས་ཁག་ཁ་ཤས་ཤིག་ཡོད།  བར་ལམ་ནས་འགྱུར་བ་ཞིག་ཕྱིན་ཏེ་ད་ལྟ་གནས་སྟངས་གང་འདྲ་ཆགས་ཡོད་ཅེས་བརྗོད་ན།   ལས་བྱེད་ཀྱི་དམིགས་ཡུལ་གྱི་ཆེད་དུ་ཟབ་སྦྱོང་། ཞེས་སྡེ་ཚན་གཅིག་གསར་དུ་བཟོས་པ་རེད།  དེ་སྔ་འཛིན་སྐྱོང་བཀའ་ཤག་གི་བཀའ་དགོངས་ལྟར་ལས་བྱེད་འདེམས་ལྷན་གྱི་གོ་སྒྲིག་འོག་ལས་བྱེད་ཀྱི་དམིགས་སྒོའི་ཆེད་ཟླ་དྲུག་དང་ཟླ་བཞིའི་ཟབ་སྦྱོང་ཞིག་གནང་བ་རེད། དེ་གཙོ་བོ་ལས་བྱེད་དམིགས་སྒོའི་ཆེད་དུ་རེད། ལས་བྱེད་དམིགས་སྒོའི་ཆེད་ཟླ་བ་དྲུག་ཙམ་འགྲོ་སོང་བཏང་རྗེས་མཐར་གསར་བུ་བ་རྣམས་སྲི་ཞུའི་ལས་བྱེད་ནང་འཛུལ་རྒྱུག་གཏོང་སྐབས་ལས་ས་མིག་སྟོང་པ་རྣམས་འགེངས་ཐུབ་པ་ཞིག་དགོས་ཀྱི་ཡོད་ཀྱང་། ཡིག་རྒྱུགས་མ་འཕྲོད་པ་སོགས་ལ་བརྟེན་ནས་ས་མིག་ད་དུང་འགེངས་མ་ཐུབ་པར་ལུས་བཞིན་ཡོད།  དེར་བརྟེན་ཟབ་སྦྱོང་གནང་བ་དེས་ཕན་ཐོགས་བྱུང་ཡོད་དམ་མེད། རྩ་བའི་སྒེར་སོ་སོར་ཏན་ཏན་ཐུགས་ཕན་གསོས་ཡོད་ཀྱང་འཛིན་སྐྱོང་བཀའ་ཤག་གི་དགོས་མཁོ་ཆ་ཚང་བསྒྲུབ་མ་ཐུབ་པ་ལྟ་བུ་ཆགས་ཡོད།   གནས་སྟངས་དེའི་རྐྱེན་གང་ཡིན་མིན་ཐད་དོ་དག་སོ་སོས་ཞིབ་འཇུག་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་ཟླ་བ་དྲུག་ཟབ་སྦྱོང་ཟིན་རྗེས་སླར་ཡང་ཟླ་བ་བཞི་ཙམ་རིང་ཟབ་སྦྱོང་སྤྲད་ནས་ཐུགས་ཕན་གསོ་ཐུབ་པ་ཞིག་དང་ང་ཚོར་ས་མིག་ཡོད་པ་དེ་དག་དགང་ཐུབ་པའི་འབད་བརྩོན་ཞུས་ནའང་དེ་དེ་བཞིན་གྱི་ཏག་ཏག་ཅིག་ཡོང་ཐུབ་མེད། འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱེད་ཕྱོགས་ཐད་སྒྲིག་གཞི་ཡོད་རེད། སྤྱིར་བཏང་ཁྱེད་རང་ཚོས་མཁྱེན་གསལ་རེད། འདེམས་བསྐོ་ལྷན་ཁང་རང་དབང་ཅན་གྱི་སྡེ་ཚན་རེད།  འོན་ཀྱང་རང་དབང་ཡོད་ཅེས་གང་བྱུང་བྱེད་ན་མི་འགྲིག…
keyboard_arrow_up