གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་གཞག་གནང་བ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༨ རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༢༠ པའི་ཐོག་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༢༤ པའི་ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྒྲོལ་མ་གླིང་གི་དཔེ་འཁྲིད་དགེ་རྒན་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུརབསོད་ནམས་རྒྱལ་མཚན་ལགས་གཉིས་འོས་བསྡུའི་འགན་འཛིན་ལས་འཕར་དུ་སྤྱི་མོས་ཐོག་བདམས་ཐོན་གྱིས་བསྐོ་གཞག་བྱུང་བའི་གསལ་བསྒྲགས་གནང་སོང་།

འོས་བསྡུ་དང་འབྲེལ་བའི་གསལ་བསྒྲགས།

ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༡ རེས་གཟའ་ལྷག་པ། ༄༅། །ཉེ་ལམ་སྤྱི་ཚོགས་དྲ་ལམ་ཁག་ནང་འབྱུང་འགྱུར་སྲིད་སྐྱོང་གི་འོས་གཞི་ཡིན་ལུགས་མང་ཚོགས་ནང་གནས་ཚུལ་ཁྱབ་གདལ་འགྲོ་བཞིན་འདུག་པ་འདི་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་དང་ཡོངས་སུ་འགལ་བའི་གནས་དོན་ཚབས་ཆེན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། བྱེས་འཁོད་མང་ཚོགས་ནས་གསལ་པོ་མཁྱེན་དགོས་པ་ཞིག་ལ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་ ༨ པའི་དོན་ཚན་ ༩༧ པའི་ནང་གསེས་ ༢ པའི་ཀ་པ་དང་།  འོས་བསྡུའི་སྒྲིག་གཞིའི་ལེའུ་ ༣ པའི་དོན་ཚན་ ༥༣ པའི་ནང་ “སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་པ་ནས་འོས་བསྡུའི་ལས་དོན་འགོ་འཛུགས་བྱེད་པ་དང་ ” ཞེས་དང་།  ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ ༩…

དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་ལས་ཁུར་དམ་འབུལ་ཞུས་པ།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ རེས་གཟའ་ཟླ་བ།   ༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཞུགས་སྒར་རྡ་ས་གངས་སྐྱིད་ཐང་སྟེང་ཁང་རྩེག་གསར་པའི་རྩེ་ཐོག་ཚོགས་ཁང་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་འདེམས་ཐོན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། དེ་ཡང་མཛད་སྒོའི་སྟེང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཁྲིམས་ཞིབ་པ་གཞན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག   བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ་ཚོགས་མི་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། དྲུང་ཆེ་རྣམ་པ། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྐུ་ཚབ། ས་གནས་རང་བདེན་ཚོགས་ཆུང་།…

དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས་ཨོ་གླིང་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ་བྱུང་བ།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༣ རེས་གཟའ་པ་སངས།  ༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་འདི་ག་ཨོ་གླིང་ཁུལ་བོད་མི་འདུས་སྡོད་ས་གནས་ཁག་ཏུ་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོག་དང་། ལམ་སྟོན་གནང་ཆེད་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ ཉིན་གནས་མཁར་གསར་ས་གནས་སུ་འབྱོར་སྐབས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་རྒྱ་མཚོ་ལགས་ནས་ཕེབས་བསུ་ཞུས་པ་དང་། དགོང་མོ་ཆུ་ཚོད་ ༦ ཐོག་གནས་མཁར་གསར་གནས་བཞུགས་བོད་རིགས་མི་མང་རྣམས་ལ་གསུང་བཤད་གནང་། དེ་ཡང་ཐོག་མར་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ནས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས་དང་། ཐེངས་འདིར་ཕེབས་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་གསུང་བཤད་གནང་མཚམས་འོས་བསྡུའི་སྤྱི་ཁྱབ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ཆུ་ཚོད་གཅིག་ལྷག་རིང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཇི་ཕྱིན་པ་དང་འབྲེལ་བའི་ཐད་འགྲེལ་བཤད་གནང་འདུག དེ་ནས་མང་ཚོགས་ཀྱི་དོགས་འདྲི་ཁག་ལ་གསལ་བཤད་མཐིལ་ཕྱིན་གནང་། ཕྱི་ཚེས་ ༡༠ ཉིན་གནས་མཁར་གསར་ནས་སིད་ནིར་ཐོན་པ་དང་། སིད་ནི་ཁུལ་དུ་སྐད་གྲགས་ཆེ་བའི་སིད་ནི་གླུ་གར་ཁང་དང་ཟམ་ཆེན་སོགས་ལ་འཚམས་གཟིགས་ཕེབས་རྗེས་ཕྱི་ཚེས་ ༡༡ ཉིན་རྒྱབ་ཆུ་ཚོད་ ༤ ཐོག་དོན་གཅོད་ལས་ཁུངས་ནས་ཆེད་དུ་གོ་སྒྲིག་གནང་བའི་སིད་ནི་ཁུལ་གྱི་དཀའ་རྙོག་སེལ་ཐབས་ཀྱི་བཞུགས་མོལ་ཚོགས་འདུར་མཉམ་ཞུགས་གནང་སྟེ།…

དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས་ཨོ་གླིང་ཁུལ་དུ་བོད་མི་རྣམས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོགས་སྤེལ་བཞིན་པ།

ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༡༠ རེས་གཟའ་མིག་དམར། ༄༅། །འདི་གར་ཨོ་སི་ཀྲི་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་འདི་ག་ཨོ་སི་ཀྲི་ལི་ཡ་ཁུལ་དུ་བོད་མི་རྣམས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་གོ་རྟོགས་དང་། ལམ་སྟོན་གནང་ཆེད་ཕྱི་ཟླ་ ༩ ཚེས་ ༦ སྔ་དྲོ་ཆུ་ཚོད་ ༥ པའི་ཐོག་མེལ་སྦོན་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་སྐབས་སྐུ་ཚབ་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། ཝེ་ཊོ་རེ་ཡ་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་གསར་རྙིང་རྣམས་ནས་ཕེབས་བསུ་ཞུས་ཡོད། དེ་ཡང་ཕྱི་ཟླ་ ༩ ཚེས་ ༧ སྔ་དྲོ་ཆུ་ཚོད་ ༩ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱིས་མེལ་སྦོན་མི་མང་ལ་ཆུ་ཚོད་གཅིག་དང་ཕྱེད་ཙམ་རིང་བར་ལམ་འོས་བསྡུའི་སྒྲིག་གཞིའི་དོན་གནད་ཁག་གཅིག་ལ་བསྐྱར་བཅོས་བཏང་བའི་སྐོར་འགྲེལ་བཤད་མཐིལ་ཕྱིན་གནང་བ་དང་། དེ་ནས་ཆུ་ཚོད་གཅིག་ལྷག་རིང་མང་ཚོགས་ནང་ནས་དྲི་བ་སྣ་མིན་ཕེབས་པར་དོགས་སེལ་འགྲེལ་བཤད་བློ་ངེས་ཚིམས་པ་གནང་སྟེ་མང་ཚོགས་ཀྱིས་དགའ་བསུའི་ཐལ་སྒྲ་འབྲུག་སྒྲ་གྲགས་པ་ལྟར་ཚོགས་ཁང་ཡོངས་སུ་ཁེངས། ཕྱི་ཟླ་ ༩ ཚེས་ ༧ ཕྱི་དྲོ་ཆུ་ཚོད་ ༤།༣༠…

འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་ཨོ་གླིང་ཁུལ་དུ་གཞུང་དོན་ཕྱོགས་ཕེབས།

༢༠༡༩ ཟླ་ ༨ ཚེས་ ༣༠ རེས་གཟའ་པ་སངས། ༄༅། །དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༠༣ ཉིན་རྡ་ས་ནས་སྣུམ་འཁོར་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ། ༢༠༡༩ ཟླ་ ༠༩ ཚེས་ ༠༥ སྔ་དྲོ་ཆུ་ཚོད་ ༩ པ་ཐོག་མཁའ་ལམ་བརྒྱུད་མེལ་སྦོན་ཕེབས་ཐོན་གྱིས་ས་གནས་སུ་ཕེབས་འབྱོར་མཚམས། ཕྱི་ཚེས་ ༠༧ སྔ་དྲོ་མེལ་སྦོན་ས་གནས་དང་། ཕྱི་དྲོ་ཁེན་སྦེ་ར། ཕྱི་ཚེས་ ༠༨ ཉིན་རྒྱབ་སིད་ནི། ཕྱི་ཚེས་…
Menu