འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་ཨོ་གླིང་ཁུལ་དུ་གཞུང་དོན་ཕྱོགས་ཕེབས།

folder_openགསར་འགྱུར།

༢༠༡༩ ཟླ་ ༨ ཚེས་ ༣༠ རེས་གཟའ་པ་སངས།

༄༅། །དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༠༣ ཉིན་རྡ་ས་ནས་སྣུམ་འཁོར་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ། ༢༠༡༩ ཟླ་ ༠༩ ཚེས་ ༠༥ སྔ་དྲོ་ཆུ་ཚོད་ ༩ པ་ཐོག་མཁའ་ལམ་བརྒྱུད་མེལ་སྦོན་ཕེབས་ཐོན་གྱིས་ས་གནས་སུ་ཕེབས་འབྱོར་མཚམས། ཕྱི་ཚེས་ ༠༧ སྔ་དྲོ་མེལ་སྦོན་ས་གནས་དང་། ཕྱི་དྲོ་ཁེན་སྦེ་ར། ཕྱི་ཚེས་ ༠༨ ཉིན་རྒྱབ་སིད་ནི། ཕྱི་ཚེས་ ༠༩ ཉིན་ནེའུ་ཁ་སལ་བཅས་ས་གནས་སོ་སོའི་ནང་བོད་མི་མང་ཚོགས་ལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཙོས་འོས་བསྡུ་དང་འབྲེལ་བའི་སྒྲིག་གཞི་དང་ལམ་སྟོན་ཁག་གོ་རྟོགས་སྤེལ་གྲུབ་མཚམས། ཕྱི་ཟླ་ ༠༩ ཚེས་ ༡༢ ཉིན་སིད་ནི་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཟླ་ ༠༩ ཚེས་ ༡༤ ཉིན་རྡ་སར་ཕེབས་གནང་རྒྱུ་ཡིན་པ་བཅས། དབུས་འོས་བསྡུ་ལས་ཁང་ནས་ ༢༠༡༩ ཟླ་ ༠༨ ཚེས་ ༣༠ ལ།།

Related Posts

keyboard_arrow_up